Thursday, 7 September 2017

ཕྱི་ཟླ་༨ཚེས་༢༣ཉིན་

ཕྱི་ཟླ་༨ཚེས་༢༣ཉིན་ཤེས་རིག་ལྷན་ཁང་གི་བཀའ་དགོངས་བཞིན་བོད་ཀྱི་སྲོལ་རྒྱུན་གྱི་རི་མོའི་ཐོག་ནོར་གླིང་ལྷ་འབྲི་སྡེ་ཚན་གྱི་རྒན་ཚེ་རིང་ཕུན་ཚོགས་ལགས་གདན་ཞུ་གནང་ཡོད། རྒན་ལགས་ཀྱི་བོད་ཀྱི་སྲོལ་གྱི་རི་མོ་རས་དང་ཤོག་གུའི་ངོས་ལ་བྲིས་པའི་ཐང་ག་དང་ལྷ་སྐུ། བཀྲ་ཤིས་རྟགས་བརྒྱད། མི་ཚེ་རིང་དང་མཐུན་པ་སྤུན་བཞི་ལ་སོགས་པ་ངོ་སྤྲོད་གནང་། སྤྱིར་བོད་ཀྱི་རི་མོ་ཐང་གའི་རས་ཐོག་འབྲི་པའི་དུས་སུ་ངེས་པར་ཐིག་ཚད་ཏག་ཏག་དགོས་ཚུལ་དང་། དེ་བཞིན་ཐག་གའི་འབྲི་སའི་རས་ཀྱི་སག་སག་ཆ་ཚང་མེད་པ་བཟོ་དགོས་རྒྱུ་གལ་འགངས་ཡིན་སྐོར་འགྲེལ་བརྗོད་གནང་། བོད་ཀྱི་རི་མོ་འབྲི་ཚུལ་མང་དག་ཡོད་ལས་མི་ཚེ་རིང་། བཀྲ་ཤིས་རྟགས་བརྒྱད་དང་མཐུན་པ་སྤུན་བཞིའི་རྒྱབ་ལྗོངས་ཀྱི་ལོ་རྒྱུས་སམ་རི་མོའི་འགྲེལ་བཤདགནང་བར་སློབ་མ་ཚོས་དགའ་སྤོབས་ཆེན་པོ་གནང་། མཐར་སློབ་སྤྱི་མཆོག་ནས་ཐུགས་རྗེ་ཆེ་ཞུའི་མཇལ་དར་ཞིག་ཕུལ་གནང་ཡོད། སློབ་སྤྱི་མཆོག་ནས་ཀྱང་མཐུན་པ་སྤུན་བཞིའི་འབྱུང་ཁུངས་དང་རི་མོ་ལས་རྒན་གཞོན་གོ་རིམ་གྱི་རྩིས་དང་རྩིས་ལུགས་སྒྲུང་གི་ལམ་ནས་འགྲེལ་བརྗོད་གནང་། 




0 comments:

Post a Comment