Thursday, 7 September 2017

ཕྱི་ཟླ་༨ཚེས་༢༦ཉིན་ལ་ཉིན་དེབ་ལྟར་བོད་ཁྱིམ་འབྲི་རྩོམ་ཉིན་མོ་ཞེས་སྲུང་བརྩི་ཞུས་ཡོད།

ཕྱི་ཟླ་༨ཚེས་༢༦ཉིན་ལ་ཉིན་དེབ་ལྟར་བོད་ཁྱིམ་འབྲི་རྩོམ་ཉིན་མོ་ཞེས་སྲུང་བརྩི་ཞུས་ཡོད། བོད་ཁྱིམ་སྤྱི་ཁྱབ་ལས་ཁུངས་ནས་གནང་བའི་བོད་ཡིག་འབྲི་རྩོམ་གྱི་བརྗོད་ནི་ངའི་སྐྱིད་ཤོས་ཀྱི་ཉིན་མོ་དང་དབྱིན་ཇི་འབྲི་རྩོམ་གྱི་བརྗོད་ནི་(My Ideal School)ཐོག་འབྲི་རྩོམ་གནང་ཡོད།



 དེ་ཉིན་སྤྱིར་འཛིན་གྲྭ་དྲུག་པ་ཡན་གྱི་སློབ་མ་རྣམས་ཀྱིས་འབྲི་རྩོམ་གནང་དགོས་པ་ལས་གོ་པུར་བོད་ཁྱིམ་སློབ་ཆུང་སྡེ་ཚན་གྱི་འཛིན་གྲྭ་གསུམ་པ་ནས་དྲུག་པ་བར་ཆ་ཚང་འབྲི་རྩོམ་ནང་འཛུལ་བཞུགས་གནང་ཡོད། འཛིན་གྲྭ་སོ་སོ་ནས་རྩེ་གྲས་སློབ་མ་གསུམ་ལ་སློབ་ཆུང་གི་ཞོགས་པའི་འདུ་འཛོམས་སར་བྱ་དགའ་གནང་ཡོད།


0 comments:

Post a Comment