Thursday, 7 September 2017

སྤྱི་ཟླ་ ༨ ཚེས་ ༡༡ ཉིན་དགེ་རྒན་ཕ་མའི་ཚོགས་ཆུང་ཚོགས་འདུ་དང་ཕན་འབྲས་ཇི་བྱུང་སྐོར།

སྤྱི་ཟླ་  ཚེས་ ༡༡ ཉིན་དགེ་རྒན་ཕ་མའི་ཚོགས་ཆུང་ཚོགས་འདུ་དང་ཕན་འབྲས་ཇི་བྱུང་སྐོར།

སྤྱིར་མ་འོངས་སོན་རྩ་རྣམས་ཀྱི་ཤེས་སྤྱོད་གཉིས་ལྡན་དང་བོད་མི་བཟང་པོ་ཞིག་ཡོང་ཆེད་དུ་དགེ་རྒན་དང་སློབ་ཕྲུག་དོ་བདག་གི་ཕ་མ་གཉིས་ཀར་བཟུང་དུ་འགན་འཁུར་དགོས་གལ་ཆེ་བ་ཡིན་མོས།   ༸གོང་ས་མཆོག་གི་བཀའ་སློབ་ལས།ལྷག་པར་སློབ་གྲྭ་ཁག་ནང་སློབ་སྦྱོང་བྱེད་མཁན་སློབ་ཕྲུག་ཚོར་ཤེས་ཡོན་སློབ་སྦྱོང་སྤྲོད་པ་ཙམ་མ་ཡིན་པར་རྩ་བའི་མི་སྤུས་དག་པོ་ཞིག་བཟོ་རྒྱུའི་ཐད་དམིགས་བསལ་གྱི་དོ་སྣང་བྱེད་དགོས། སློབ་གྲྭའི་ནང་འཚར་ལོངས་བྱིད་བཞིན་པའི་མི་རབས་རྗེས་མ་རྣམས་སྤུས་དག་པོ་ཡོང་བར་ཚང་མས་དོ་སྣང་བྱེད་རྒྱུ་ཤིན་ཏུ་གལ་ཆེན་པོ་ཡིན། དངོས་གནས་བྱམས་བརྩེ་ཞེས་པའི་བཟང་པོའི་ཡོན་ཏན་འདི་ཐོག་མར་ངོ་སྤྲོད་བྱེད་མཁན་གྱི་བླ་མ་ལྟ་བུ་ནི་ཨ་མ་རང་ཉིད་ཆགས་ཡོད།

ཕྱི་ཟླ་  ཚེས་  ཉིན་གུང་གསེང་མ་ཕེབས་མཁན་གྱི་སློབ་ཕྲུག ཁྱིམ་ཚང་ཨ་མ་ལགས། འཛིན་གྲྭའི་རྒན་ལགས་དང་སློབ་ཚན་ཆ་ཚང་གི་རྒན་ལགས་ཚང་འཛོམས་ཐོག་ནས་སློབ་མ་རེ་རེའི་ཤེས་ཡོན་དང་། ཀུན་སྤྱོད། གཙང་སྦྲ། དེ་བཞིན་ཁྱིམ་ཚང་དང་འཛིན་གྲྭའི་ནང་སློབ་མའི་བསམ་བློའི་འཁྱེར་གསོ་དང་ཤེས་སྤྱོད་གང་ཅིའི་ཐད་ལ་ལེགས་ཉེས་ཇི་ཡོད་སློབ་མ་ཡོད་སར་གོ་བསྡུར་ལྷུག་པོ་གནང་བར་བརྟེན་སློབ་མའི་སྒོ་གསུམ་གྱི་སྤྱོད་པ་འཁྱེར་ཕྱོགས་ཐད་ལ་ལམ་སྟོན་བྱེད་ཡས་དང་སློབ་སྦྱོང་གི་སྐུལ་དེད་བྱེད་ཡས་སོགས་ལ་ཕན་ཁྱད་ཆེན་པོ་བྱུང་ཡོད།
ཕྱི་ཟླ་  པའི་ཚེས་ ༡༡ ཞོགས་པ་ཕྱག་ཚོད་ :༣༠ ཐོག་ཤེས་རབ་འོད་སྣང་ཚོགས་ཁང་དུ་གོ་པལ་པུར་བོད་ཁྱིམ་སློབ་གྲྭའི་རྒན་འཛིན་ལྷན་ཚོགས་དབུ་བཞུགས་ཐོག དགེ་ལས་ཡོད་དོ་ཅོག་དང་སློབ་ཕྲུག་གུང་གསེང་ཕེབས་མཁན་གྱི་ཕ་མ་སྤུན་གཉེན་ཡོད་ཚད་ལ་སྔོན་ལོ་ལྟར་སྔ་ས་ནས་མགྲོན་འབོད་ཞུ་པ་བཞིན་ཕ་མ་སྤུན་གཉེན་༣༠༠ ལྷག་ཙམ་ཚང་འཛོམས་གནང་ཐུབ་ཡོད། ཐོག་མར་སློབ་གྲྭའི་སློབ་སྤྱི་མཆོག་ནས་དགེ་རྒན་ཕ་མ་ལྷན་འཛོགས་གནང་དགོས་པའི་རྒྱུ་མཚན་ཁ་གསལ་དང་དམིགས་བསལ་སློབ་གྲྭའི་སྒྲིག་གཞི་སྲུང་ཕྱོགས་ཐད་འགྲེལ་བརྗོད་ཤུགས་ནན་གནང་། དེ་ཡང་ཕ་མ་སྤུན་གཉེན་ངོས་ནས་སློབ་གྲྭའི་སྒྲིག་གཞི་ལ་རྒྱབ་སྐྱོར་དགོས་རྒྱུ་གལ་ཆེ་ཡིན་ཚུལ་གྱི་བཀའ་སློབ་གནང་ཡོད། དེ་ནས་སློབ་གྲྭ་དབུ་འཛིན་མཆོག་ནས་ད་ཡོད་སློབ་གྲྭའི་ནང་དགེ་སློབ་ཇི་ཡོད་དང་སློབ་མ་རེ་རེའི་འགྲོ་གྲོན་ཇི་ཙམ་འགྲོ་ཡི་ཡོད་པ་མཁན་མདོག་ཆེད་འགྲེལ་བརྗོད་གནང་ཡོད། དེ་རྗེས་དགེ་རྒན་དང་། ཕ་མ་སྤུན་གཉེན། སློབ་ཕྲུག་ལྷན་འཛོམས་ཀྱིས་སློབ་ཕྲུག་རེ་རེའི་ཤེས་སྤྱོད་དང་སློབ་གྲྭ་དང་ཕ་མའི་སར་སྤྱིར་བཏང་སློབ་ཕྲུག་གི་ཀུན་སྤྱོད་ཐད་ལ་སེམས་ཐག་ཉེ་པོས་ཕན་ཚུན་དྲི་རྩད་དང་གསལ་བཤད་གོ་བསྡུར་ལྷུག་པོ་གནང་ཡོད། སློབ་གྲྭ་ནས་ཕ་མ་སྤུན་གཉེན་ཕེབས་པར་གུང་ཚིགས་ཀྱང་གྲ་སྒྲིག་ཞུས་ཡོད།






0 comments:

Post a Comment