Monday, 8 May 2017

སྤྱི་ཟླ་༤ཚེས་༡ནས་བོད་ལྗོངས་ང་ཚོའི་ཕ་ཡུལ་གྱི་ལས་འཆར་



སྤྱི་ཟླ་༤ཚེས་༡ནས་བོད་ལྗོངས་ང་ཚོའི་ཕ་ཡུལ་གྱི་ལས་འཆར་འགོ་ཚུགས་ཐུབ་ཡོད། དེའི་འགན་གཙོ་བོ་ བཞེད་མཁན་ནི་འཛིན་གྲྭ་སོ་སོའི་དགེ་རྒན་དང་སློབ་གྲྭའི་ཟློས་དགེ་ཡིན། ལས་འཆར་གྱི་སྦྱོང་ཡས་ཀྱི་དུས་ཚོད་ནི་ཚོགས་ཐེངས་བདུན་པའི་སྐབས་ཡིན། བོད་ལྗོངས་ང་ཚོའི་ཕ་ཡུལ་གྱི་ལས་འཆར་ནི་སྡེ་ཚན་གཉིས་ལ་བགོས་ཡོད། སྡེ་ཚན་དང་པོ་ནི་འཛིན་གྲྭ་གསུམ་པ་མན་གྱི་སློབ་མ་རྣམས་ཀྱིས་བོད་ཀྱི་ཐུན་མོངས་མ་ཡིན་པའི་བོད་ཀྱི་སྲོལ་རྒྱུན་ཡིག་གཟུགས་དང་འཛིན་གྲྭ་བཞི་པ་ཡན་གྱི་སློབ་མ་རྣམས་ཀྱིས་བོད་ཀྱི་གཞས་སྣ་འཁྲབ་སྟོན་ཐོག་སྦྱང་རྒྱུ་ཐག་གཅོད་བྱུང་བ་བཞིན་གནང་འགོ་ཚུགས་ཡོད། མཐར་འདི་ཟླའི་ཚེས་༢༨ཉིན་ཟླ་བ་གཅིག་རིང་གང་ལ་སྦྱངས་པ་དེ་དག་སློབ་གྲྭའི་སློབ་སྤྱི་དབུ་བཞུགས་ཐོག་ཏུ་གོ་པལ་པུར་བོད་ཁྱིམ་དགེ་ལས་དང་སློབ་ཕྲུག་ཆ་ཚང་ལ་སྤུས་ཚད་ཡོད་པ་ཞིག་གཟིགས་འབུལ་ཞུས་ཐུབ་ཡོད།






 

0 comments:

Post a Comment