Monday, 10 April 2017

སྤྱི་ཟླ་༣་ལས་བསྡོམས་སྙིང་བསྡུད།

༡༽སྤྱི་ཟླ་༣་ཚེས་༦ཉིན་སློབ་གྲཱའི་སློབ་སྤྱི་མཆོག་ནས་སྤྱི་ལོ་༢༡༠༧ནས་བོད་ཁྱིམ་གོ་པལ་པུར་སློབ་ཆུང་སྡེ་ཚན་གྱི་དགེ་ཆེའི་ཕྱག་རོགས་སློབ་ཆུང་གི་ལུས་དགེ་དབང་ཕྱུག་བོད་ལ་ཁྱིམ་སྤྱི་ཁྱབ་ཡིག་ཚང་ནས་བསྐོས་བཞག་གནང་བས་བོད་ཁྱིམ་གོ་པལ་   པུར་དགེ་ལས་ཚང་མའི་མདུན་སར་་ངོ་སྤྲོད་གནང་།


༢༽སྤྱི་ཟླ་༣་ཚེས་༦་ཉིན་སླར་ཡང་དགེ་རྒན་སྡོད་ཁང་དུ་སྡེ་ཚན་ཚོགས་འདུ་རུ་དགེ་ཆེ་མཆོག་གིས་དགེ་ཆེ་ཕྱག་རོགས་ངོ་  སྤྲོད་དང་སྦྲགས། སྤྱི་ལོ་༢༠༡༦ལོའི་དགེ་རྒན་རྣམས་ཀྱིས་ཕྱག་ལས་གནང་ཕྱོགས་ཐོག་ཐུས་ཤོར་གང་བྱུང་དང་ལེགས་པའི་ཆ་ གང་བྱུང་པ་ཕྱི་གསལ་ནང་གསལ་ཐོག་འགྲེལ་བརྗོད་གནང་། མ་ཟད་༢༠༡༧ལོར་ཡང་སྔར་ལས་ལྷག་པ་ལྷག་བསམ་དྲང་པོའི་  ཐོག་ནས་ཕྱག་ལས་གནང་དགོས་པ་ཤིན་ཏུ་ནས་གལ་འགངས་ཆེན་པོ་ཡིན་པ་ལམ་སྟོན་གནང་།

༣༽སྤྱི་ཟླ་༣ཚེས་༡༤ཉིན་སློབ་གྲའི་ཤེས་རབ་འོད་སྣང་ཚོགས་ཁང་དུ་སློབ་སྤྱི་མཆོག་གིས་སློབ་ཆུང་གི་དགེ་སློབ་ཡོངས་ལ་ ཁོར་ཡུག་བདག་གཅེས་ལེགས་པོ་གནང་དགོས་པའི་སྐོར་དང་གད་སྙིགས་གང་བྱུང་དུ་གཡུག་ན་སྐྱོན་ཇི་ལྟར་ཡོད་མིན་བཀའ་སློབ་ལམ་སྟོན་གནང་།


༤༽ཟླ་༣ཚེས་༡༤ཉིན་སྤྱི་ལོ་༢༠༡༧ལོའི་གོ་པལ་པུར་བོད་ཁྱིམ་སློབ་གྲཱའི་བྱེད་སྒོ་གལ་ཆེ་ཞིག་ནི་ཉིན་ལྟར་ཁྱིམ་ཚང་དང་སྡོད་ཁག་ཏུ་ཞོགས་པ་རྩ་ཚིག་བློ་འཛིན་གནང་རྒྱུདེ་ཡིན་སྟབས། དེའི་ཆེད་དུ་སློབ་གྲཱའི་སློབ་སྤྱི་མཆོག་ནས་སློབ་གྲཱ་ཆེ་ཆུང་གཉིས་ཀྱི་དགེ་ཆེ་དང་བོད་དགེ་ཆ་ཚང་སློབ་སྤྱི་ཡིག་ཚང་དུ་བསྐོང་ཚོགས་གནང་སྟེ་འཛིན་གྲཱ་སོ་སོའི་གནས་ཚད་ལ་རྩ་ཚིག་གང་འདྲ་ཞིག་བློ་འཛིན་གནང་དགོས་ཚུལ་འཛིན་གྲཱ་སོ་སོའི་དགེ་རྒན་དང་ལྷན་དུ་ཞིབ་ཕྲ་གྲོས་མོལ་གནང་།



 ༥༽སྤྱི་ཟླ་༣ཚེས་༢༡ཉིན་སློབ་གྲཱའི་སློབ་སྤྱི་མཆོག་ནས་སློབ་གྲྭ་ཆུང་བའི་སྤྱི་ལོ་༢༠༡༦ལོར་འཛིན་གྲཱ་དང་པོ་ནས་དྲུག་བར་   འཛིན་གྲཱ་སོ་སོའི་སློབ་ཕྲུག་གཙང་སྦྲ་ལེགས་ཤོས། ཀུན་སྤྱོད་ལེགས་གྲས་ཁག་དང་གང་ཅིའི་ཐད་ལ་ཡར་རྒྱས་ཕྱིན་པ་ཁག་   ཅིག་ལ་བྱ་དགའ་གསོལ་རེས་གནང་། དེ་དང་ལྷན་དུ་སློབ་ཆུང་སྡེ་ཚན་དུ་བོད་དགེ་གསར་པ་རྒན་ཟླ་བ་ལགས་ཕེབས་པར་་ངོ་ སྤྲོད་མཚོན་ཆེད་དུ་མཇལ་དར་ཞིག་སློབ་སྤྱི་མཆོག་ནས་ཞོགས་པའི་འདུ་འཛོམས་སར་འབུལ་གནང་མཛད་ཡོད་པ་རེད།


༦༽སྤྱི་ཟླ་༣་ཚེས་༢༢ཉིན་རྒྱལ་སྤྱིའི་ཆུའི་ཉིན་མོ་ཡིན་པར་བརྟེན་སློབ་ཆུང་དགེ་ཆེ་མཆོག་ནས་སློབ་མ་གོ་རྟོགས་སླད་དུ་རྒྱལ་སྤྱི་ཆུའི་ཉིན་མོའི་འབྱུང་ཁུངས་དང་། ཉིན་མོ་སྲུང་བརྩི་གནང་དགོས་པའི་དགོས་དམིགས་གང་ཡིན་དང་དགེ་སློབ་ཚང་མས་ནམ་རྒྱུན་ནས་ཆུའི་བེད་སྤྱོད་ལེགས་པོ་གནང་དགོས་པའི་སྐོར་གསུངས།




༧༽སྤྱི་ཟླ་༣ ཚེས་༢༤ ཉིན་བོད་ཁྱིམ་ཡོངས་ཀྱི་བོད་ཡིག་སྣེ་ཁྲིན་པ་རྒན་མི་ཆུང་ལགས་ཀྱིས་འཛིན་རིམ་དང་པོའི་ཟུར་དེབ་་ངོ་སྤྲོད་ཀྱི་ཟབ་སྦྱོང་ཆེད། ཉེ་འཁོར་བོད་ཁྱིམ་སློབ་གྲྭའི་འཛིན་རིམ་དང་པོའི་བོད་དགེ་རྣམས་བསྐོང་ཚོགས་གནང་བས་ང་ཚོའི་  སློབ་གྲྭའི་བོད་དགེ་དབྱངས་མཚོ་ལགས་ལ་གོ་སྐབས་ཐོབ་ཡོད།  
                                   
༨༽ཟླ་༣ཚེས་༢༦་ནས་༢༨ བར་ཤེས་ཡོན་སྲིད་བྱུས་ཀྱི་བསླབ་གཞི་རྩ་འཛིན་དགོངས་དོན་བཞིན་གཞི་རིམ་འོག་མ་འཛིན་རིམ་༣ ནས་ ༥ བར་གྱི་ཚན་རིག་སློབ་དེབ་རྩོམ་སྒྲིག་དང་དཔར་བསྐྲུན་ཟིན་པས། ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་ཅོན་ཏ་ར་སམ་བྷོ་ཊའི་སློབ་གྲྭར་ཉིན་གསུམ་གྱི་རིང་ཉེ་འཁོར་གྱི་གཞི་རིམ་འོག་མའི་ཚན་རིག་དགེ་རྒན་རྣམས་ལ་སློབ་དེབ་ཀྱི་ངོ་   སྤྲོད་དང་སློབ་འཁྲིད་བྱེད་ཕྱོགས་ཐད་ཟབ་སྦྱོང་གནང་བས། ང་ཚོའི་སློབ་གྲཱ་ནས་ཚན་རིག་རྒན་ཚུལ་ཁྲིམས་ལགས་དང་ཚན་  རིག་རྒན་ཚེ་རིང་ཆོས་འཛོམས་ལགས་གཉིས་ལ་ཟབ་སྦྱོང་གི་གོ་སྐབས་ཐོབ་ཡོད།



0 comments:

Post a Comment