Sunday, 28 August 2016

སྤྱི་ཟླ་༨ པའི ལས་སྡོམ།

༡སྤྱི་ཟླ་༨པའི་ཚེས་༡༢ཉིན་མོ་དེ་ནི་ཤིན་ཏུ་ནས་འགལ་ཆེ་བའི་དགེ་རྒན་ཕ་མའི་ཚོགས་འདུ་དེ་ཡིན་པ་བཞིན་དེ་ཉིན་ཞོགས་པའི་  ཕྱག་ཚོད་༩ ༣༠ ནས་ཤེས་རབ་འོད་སྣང་ཚོགས་ཁང་དུ་མཛད་རིམ་དབུ་བཙུག་གནང་ཡོད་རེད།མཛད་རིམ་གྱི་ཐོག་མར་དེར་
གོ་པུར་སློབ་སྤྱི་མཆོག་ནས་མཛད་རིམ་དང་འབྲེལ་བའི་བཀའ་སློབ་གནང་བ་དང་དེ་ཉིན་གྱི་སྐུ་མགྲོན་གཙོ་བོ་རྡ་ས་ས་གནས་གོ་
འཛིན་ཟླ་བ་རིན་ཆེན་ལགས་ནས་དགེ་རྒན་ཕ་མ་བུ་ཕྲུག་གསུམ་ཀར་ཕན་པའི་ལམ་སྟོན་བཀའ་སློབ་གནང་རྗེས་སུ་སློབ་ཕྲུག་ཚོའི་ཕ་མ་སྤུན་མཆེད་རྣམ་པའི་སྐུ་ཚབ་ཞིག་ནས་དགོངས་ཚུལ་གསུང་གནང་ཡོད་པ་རེད། མཐའ་དོན་དེར་སློབ་གྲྭའི་དབུ་འཛིན་ལགས་
ནས་མཇུག་སྡོམ་བཀའ་སློབ་ཕེབས་ཡོད་པ་རེད།



༢  དགེ་རྒན་ཕ་མའི་ཚོགས་འདུའི་ཉིན་གྱི་ཕྱག་ཚོད་༡༡ནས་དོ་བདག་སློབ་ཕྲུག་ཚོའི་དགེ་རྒན་དང་ཕ་མའི་དབར་གྱི་གླེང་མོལ་
གནང་ཡོད་པ་རེད།སྐབས་དེ་དུས་སློབ་ཕྲུག་དོ་བདག་སོ་སོ་མཉམ་བཞུགས་ཐོག་ནས་གོ་བསྡུར་གནང་ཡོད་པས་ཕ་མ་དགེ་རྒན་གཉིས་ཀྱི་ཐོག་ནས་འབྲེལ་ཡོད་སློབ་མ་དེའི་ལེགས་ཞན་གང་ཡོད་པ་ཤེས་རྟོགས་དང་ལྷག་པར་དུ་ཕྱོགས་གང་ནས་བསྐྱོར་ཐབས་གནང་དགོས་པ་བཅས་ཁ་གསལ་ཤེས་རྟོགས་བྱུང་ཡོད་པ་རེད།

 

༣   ཟླ་འདིའི་ཚེས་༡༠ཉིན་མོའི་ཞོགས་ཚོགས་སྐབས་གོ་པུར་སློབ་ཟུར་བ་བསྟན་འཛིན་དབྱངས་འཛོམས་ལགས་སློབ་ཆུང་དཔེ་
མཛོད་དུ་ཕྱག་ལས་གནང་བར་ཕེབས་པར་བཀྲིས་བདེ་ལེགས་ཀྱི་མཇལ་དར་ཞིག་འདི་གའི་ལྟ་གྲུབ་སློབ་དཔོན་རིན་པོ་ཆེ་ནས་བསྩལ་གནང་ཡོད་པ་རེད། དེ་ཡང་ཁོ་མོ་མཐོ་སློབ་འཐོན་རྗེས་སུ་དཔེ་མཛོད་དང་འབྲེལ་བའི་སློབ་སྦྱོང་དེ་མུ་མཐུད་ནས་གནང་ནས་
ད་ཆ་རང་ཁྱིམ་གོ་པུར་སློབ་ཆུང་དུ་ཕྱག་ལས་གནང་མགོ་བརྩམ་པ་ཞིག་ཡིན་པ་རེད།

༤ ཟླ་འདིའི་ཚེས་༢༣ཉིན་གྱི་ཞོགས་པའི་འདུ་འཛོམས་སྐབས་སུ་བོད་ཀྱི་སྲོལ་རྒྱུན་གྱི་རི་མོ་དང་འབྲེལ་བའི་བཀའ་སློབ་ཀྱི་ལས་
རིམ་ཞིག་འདི་གའི་སློབ་ཆུང་གི་རི་མོའི་རྒན་ལགས་ཀྱིས་གོ་སྒྲིག་ཞུས་གནང་ཡོད་པ་རེད།དེ་ཡང་བཀའ་སློབ་གནང་མཁན་ནི་ནོར་གླིང་བོད་ཀྱི་སྲོལ་རྒྱུན་གི་ཐང་ཀའི་དགེ་རྒན་ཆེན་མོ་རྒན་ཡིན་པ་དང་ཁོང་ནས་གཙོ་བོ་རི་མོ་ཟེར་བ་དེ་ཐོག་མར་ག་དུས་དར་ཡོད་པ་དང་དར་ཚུལ་ཇི་ལྟར་ཡིན་པ་མཉམ་དུ་བོད་ཀྱི་ཐུན་མོངས་མ་ཡིན་པའི་རི་མོ་བཀྲིས་རྟགས་བརྒྱད་ ཚེ་རིང་རྣམ་དྲུག་ མཐུན་པ་སྤུན་བཞི་འདོད་ཡོན་རྣམ་པ་ལྔ་ལ་སོགས་འབྲི་ཚུལ་དང་མཚོན་དོན་བཅས་ཁ་གསལ་གོ་བདེའི་ཐོག་ནས་སློབ་ཕྲུག་ཚོར་འགྲེལ་བརྗོད་གནང་ཡོད་པ་རེད།
༥ཚེས་༢༣ཉིན་སློབ་ཆུང་དཔེ་མཛོད་དོ་དམ་པས་དབྱིན་ཡིག་གི་སྒྲུང་དེབ་གསར་འགའ་རེ་ཞིག་དྲ་ཐོག་ནས་ཉོ་སྒྲུབ་གནང་བ་བཞིན་ཟླ་འདིའི་ཚེས་༢༣ཉིན་སློབ་མས་ཤེས་རྟོགས་ཡོང་སླད་དུ་སྒྲུང་དེབ་རྣམས་འཛིན་གྲྭའི་བར་འཁྱམས་སུ་འགྲེམས་སྤེལ་ཞུས་ནས་སློབ་མར་ལྟ་ཀློག་བྱེད་དུ་བཅུག་ཡོད་པ་བཞིན་སློབ་ཕྲུག་རྣམས་ཀྱིས་ཀྱང་ཚང་ཁ་ཤིག་ཤིག་ངང་ནས་སྒྲུང་དེབ་གསར་པ་རྣམས་ངོ་སྤྲོད་ཐུབ་པ་ཞིག་བྱུང་ཡོད་པ་རེད།
༦ཟླ་འདིའི་ཚེས་༢༥ཉིན་ཤེས་རིག་ནས་གོ་སྒྲིག་ཞུས་པའི་འཛིན་རིམ་དང་པོ་ནས་བྱས་བོད་ཀྱི་ཡིག་གཟུགས་འགྲན་བསྡུར་གྱི་ལས་རིམ་ཞིག་སྤེལ་ཡོད་པ་རེད།དེ་ཡང་བོད་གོ་པུར་སློབ་གྲྭ་ཆུང་བའི་ཡིག་གཟུགས་དགེ་དབང་ཕྱུག་ལགས་ནས་ཟླ་གཅིག་ཙམ་སྔོན་ནས་འབྲེལ་ཡོད་སློབ་མ་དག་ལ་ཕྱི་དྲོའི་ཕྱག་ཚོད་༧པ་ནས་༨པ་བར་སྦྱོང་བརྡར་སྤྲད་གནང་ཡོད་པ་བཞིན་འཛིན་རིམ་དང་པོ་ནས་བཅུ་གཉིས་བར་གྱི་ཡིག་གཟུགས་ལེགས་གྲས་ཁག་སློབ་རྒན་དཔེ་མཛོད་ནང་དུ་ཞོགས་པའི་ཕྱག་ཚོད་བཅུ་པར་དབུ་འཛུགས་གནང་ཡོད་པ་དང་དེ་ལ་གཟིགས་རྟོགས་གནང་མཁན་ནི་རྡ་ས་ཕ་མའི་ཚོགས་ཆུང་གི་ནས་སྐུ་ཚབ་ཞིག་ཕེབས་ཡོད་པ་དང་མཉམ་དུ་ཁྱིམ་སྡེ་འདི་གའི་སློབ་སྤྱི་མཆོག་དང་སློབ་ཆུང་དགེ་ཆེ་བཅས་ནས་འགན་ཁུར་བཞེས་ཡོད་པ་རེད།
 

















༧ཟླ་འདིའི་ནང་གོ་པུར་སློབ་ཆུང་གི་འཛིན་རིམ་ལྔ་པ་ནས་ཡིག་རྒྱུགས་ཀྱི་བརྒྱ་ཆའི་ཐོག་ནས་བོད་ཁྱིམ་སེ་ལ་ཀུར་ཚུད་པའི་སློབ་མ་གྲངས་བཅུ་གཉིས་ཙམ་ལ་དབྱིན་བོད་གཉིས་དང་ཨང་རྩིས་དང་ཚན་རིག་བཅས་ཀྱི་ཡིག་རྒྱུགས་ཀྱི་སྦྱོང་བརྡར་དང་བཅར་དྲི་ཡི་སྦྱོང་བརྡར་བཅས་ཐེངས་འགའ་རེ་ཞིག་གནང་དང་གནང་བཞིན་ཡོད་པ་ཡིན།དེ་ཡང་བོད་ཡིག་དྲི་ཤོག་རྣམས་སློབ་ཆུང་བོད་དགེ་རྣམསནས་བཅོས་གནང་བ་སོགས་ཀྱི་འབྲེལ་ཡོད་སློབ་ཚན་སོ་སོའི་རྣམ་པས་བཅོས་གནང་ནས་སློབ་མ་དེ་དག་ལ་གོ་རྟོགས་གང་ལེགས་སྤེལ་ཡོད་པ་རེད།


















0 comments:

Post a Comment