Sunday, 10 April 2016

སྤྱི་ལོ་༢༠༡༦ལོའི་སློབ་ཆུང་སྡེ་ཚན་གྱི་ཟླ་དང་པོ་དང་གསུམ་པའི་ནང་གི་ལས་རིམ་གཙོ་གྲས་ཁག།།



༡ ཞོགས་པའི་ཕྱག་ཚོད་བཅུ་པ་ནས་བཅིུག་བར་སློབ་ཆུང་སློབ་མ་དག་རང་འདོད་བཞིན་རོལ་ཆ་ཁང་དང་དཔེ་མཛོད་གང་རུང་ཞིག་ལ་ཕེབས་དགོས་པའི་ལས་རིམ།






༢ ཟློས་དགེ་བཀྲིས་སྒྲོལ་མ་ལགས་ཀྱིས་ལྷག་བསམ་གྱིས་རྟ་ཕོར་ཆིབ་བཞིན་གུང་གསེང་ལ་ཕེབས་ཡུལ་མེད་མཁན་གྱི་སློབ་མ་དེ་དག་གི་ཆེད་དུ་རང་ནུས་གང་ཡོད་བཏོན་ནས་སློབ་མ་རེ་རེར་དུས་ཡུན་བེད་སྤྱད་ནས་རོལ་ཆ་དཀྲོགས་སྟངས་ཀྱི་ལམ་སྟོན་གང་ལེགས་ཞུས་ཡོད་པ་རེད།
༣ དཔེ་དེབ་ཀློག་རྒྱུར་སྤྲོ་བ་ཡོད་མཁན་དག་ཕྱག་ཚོད་བཅུ་པ་ནས་བཅུ་གཉིས་བར་དཔེ་མཛོད་ལ་ཕེབས་ནས་དཔེ་མཛོད་དོ་དམ་པ་རྒན་རྣམ་རྒྱལ་ཆོས་སྒྲོན་ལགས་ཀྱིས་འགན་ཁུར་ཕར་མ་ཞིག་བཞེས་ནས་ཀློག་རྩལ་ཞན་པའི་སློབ་མ་དག་ལ་གནས་ཚད་ལ་རན་པའི་དཔེ་དེབ་གནང་ནས་ཀློག་སྟངས་ཀྱི་ལམ་སྟོན་ཡན་ཞུས་ཡོད་པས་ཕན་འབྲས་ཆེན་པོ་བྱུང་བར་མངོན།།
༤ འཛིན་རིམ་དྲུག་པ་ཡན་གྱི་སློབ་མ་དག་ཞོགས་པའི་ཕྱག་ཚོད་བཅུ་པ་ནས་བཅིུག་བར་སློབ་རྒན་དཔེ་མཛོད་ལ་ཕེབས་ཡོད་པ་དང་དེ་ནས་ཕྱག་ཚོད་བཅིུས་བར་ཀློག་ལས་ཁང་དུ་ཀློག་ལས་སྦྱོང་བརྡར་གནང་ཡོད་པ་རེད།
༥ ཉིན་རྒྱབ་ཕྱག་ཚོད་གཉིས་པ་ནས་བཞི་པ་བར་རྐང་འཁོར་གཏོང་རྒྱུའི་ལས་རིམ་ཞིག་ཡོད་བཞིན་སློབ་ཕྲུག་ཕོ་མོ་ཀུན་གྱིས་རེ་འདོད་ཆེ་ཤོས་ཞིག་ཡིན་པ་ལྟར་དུས་ཡུན་ཚོུད་གཉིས་རིང་ཐང་ཐོག་ཏུ་དགའ་སྤྲོའི་རྣམ་པས་ཡོངས་སུ་ཁྱབ་པར་འགྱུར།
༦ གུང་གསེང་རིང་འབྲེལ་ཡོད་འཛིན་ཆས་དང་འཛིན་ཁང་དག་གི་བཟོ་བཅོས་ཙམ་མ་ཟད་གཙོ་བོ་འཛིན་རིམ་དང་པོ་གཉིས་པ་དང་གསུམ་པ་ཁག་གི་ནང་དཔེ་དེབ་ཀློག་ཟུར་ཞིག་བཟོ་བསྐྲུན་གནང་ཡོད་པ་རེད།
སྤྱི་ཟླ་གསུམ་པའི་ཚེས་༡༨ཉིན་རྒྱབ་ཏུ་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་བསམ་བྷ་ཌའི་འགན་འཛིན་རྐྨ་ཆུང་བདག་ལགས་ཀྱིས་འདི་གའི་གཞི་རིམ་འོག་མའི་སློབ་དགེ་རྣམས་ལ་ཤེས་ཡོན་སྲིད་བྱུས་ཀྱི་ངོ་སྤྲོད་གནང་ཡོད་པ་རེད། གཙོ་བོ་ཤེས་ཡོན་གྱི་ངོ་བོ་དང་དགོས་པ་ དམིགས་ཡུལ་བཅས་གསུམ་ཁ་གསལ་འགྲེལ་གནང་ཡོད་པ་དང་འབྲེལ་ཡོད་ཤེས་ཡོན་སྲིད་བྱུས་ཀྱི་ཤེས་ཡོན་སྤྲོད་པའི་དགོས་དམིགས་བཞི་ རང་དབང་ གཞན་ཕན་ རྒྱུན་འཛིན་དང་གསར་གཏོད་བཅས་པ་དཔེ་མཚོན་གྱི་ཐོག་ནས་འགྲེལ་བརྗོད་གནང་ཡོད་པ་རེད།

0 comments:

Post a Comment