Thursday, 30 July 2015

English Language ClasRroom In Jr. Section Gopur School

English language classroom of Ms Tenzin Cheokyi la who is teaching grade one & two at TCV School Gopalpur. The classroom has a mini library, flat-TV, audio-player, flash cards & other teaching resources, as well as walls covered with pictorial stories (educationally it's called print-rich environment). I was highly impressed with the changes taking place in our schools at the grassroots level. Hats off Gen Tenzin Pelmo la, Gen Sangpo-la & everyone involved.

Thursday, 9 July 2015

སྤྱི་ཟླ་གསུམ་པ་ནས་དྲུག་པ་བར་སློབ་ཆུང་སྡེ་ཚན་གྱི་སློབ་ཕྲུག་ཡོད་དོ་ཅོག་གིས་ཟླ་རེའི་ནང་བོད་ཡིག་གི་ཡིག་གཟུགས་འགྲན་བསྡུར་

སྤྱི་ཟླ་གསུམ་པ་ནས་དྲུག་པ་བར་སློབ་ཆུང་སྡེ་ཚན་གྱི་སློབ་ཕྲུག་ཡོད་དོ་ཅོག་གིས་ཟླ་རེའི་ནང་བོད་ཡིག་གི་ཡིག་གཟུགས་འགྲན་བསྡུར་ནང་བཞུགས་པ་བཞིན་འཛིན་རིམ་ཁག་སོ་སོའི་ཚུགས་རིང་ ཚུགས་ཆུང་ལ་སོགས་པའི་ཡིག་གཟུགས་ཐོག་ལ་ཡར་རྒྱས་གང་ལེགས་བྱུང་ ཕྱོགས་བསྡོམ་རྩེ་ཕུད་ཁག་ལ་ཕྱི་ཟླ་དྲུག་པའི་ཚེས་༣༠ ཞོགས་པའི་འདུ་འཛོམས་སྐབས་སློབ་སྤྱི་མཆོག་ནས་བྱ་དགའ་གསོལ་རས་ཡང་གནང་ཡོད།།



ཕྱི་ཟླ་༦པའི་ཚེས་༢༩ཉིན་སློབ་ཆུང་སྡེ་ཚན་གྱི་ཟླ་རེའི་ཚོགས་འདུ་ཐེངས་གསུམ་པའི་ཐོག་

ཕྱི་ཟླ་༦པའི་ཚེས་༢༩ཉིན་སློབ་ཆུང་སྡེ་ཚན་གྱི་ཟླ་རེའི་ཚོགས་འདུ་ཐེངས་གསུམ་པའི་ཐོག་སྔོན་ཚོད་ནས་དབྱིན་ཇེ་བོད་ཡིག་ལ་སོགས་པའི་སྡེ་ཚན་སོ་སོས་བསམ་འཆར་ལ་སྤྱི་མུས་བྱུང་བའི་དགོངས་འཆར་རྣམས་ཀྱི་ཐོག་སྡེ་ཚན་གྱི་དགེ་ཆེ་གཙོས་པའི་རྒན་ལགས་ཀུན་ཚང་འཛོམས་ཀྱི་ཐོག་གོ་བསྡུར་ལྷུག་པོ་གནང་ནས་སྐབས་ཐོག་ཏུ་ཐག་བཅོད་མི་ཐུབ་པའི་དགོངས་འཆར་རྣམས་ཚིག་ཐོ་བཀོད་ནས་གན་འཛིན་ལྷན་ཚོགས་ལ་འཕུལ་སྲོལ་ཡོད་པ་བཞིན་དེ་ལྟར་གནང་ཡོད།།





ཕྱི་ཟླ་དྲུག་པའི་ཚེས་༢༤ཉིན་རྒྱབ་འཛིན་གྲྭ་ནང་ཁུལ་གྱི་དབྱིན་ཇེའི་སྙན་ཚིག་འགྲན་བསྡུར་



 ཕྱི་ཟླ་དྲུག་པའི་ཚེས་༢༤ཉིན་རྒྱབ་འཛིན་གྲྭ་ནང་ཁུལ་གྱི་དབྱིན་ཇེའི་སྙན་ཚིག་འགྲན་བསྡུར་གནང་པ་བཞིན་ལོ་རེ་དང་མི་འདྲ་བར་སྙན་ཚིག་སྐྱོར་འདོན་དང་འབྲེལ་ཡོད་ཆས་གོས་ལ་སོགས་པའི་ཐོག་འབྲེལ་ཡོད་འཛིན་དགེ་རྣམ་པ་དང་དོ་དག་སློབ་ཕྲུག་རྣམས་ནས་ཤུགས་སྣོན་ཕར་མ་ཞིག་རྒྱབ་གནང་ཡོད་པའི་བསྔགས་བརྗོད་ཐོབ་པ་ཞིག་བྱུང་ཡོད།།



ཟླ་འདིའི་ཚེས་༡༩ཉིན་རྒྱབ་ལ་སྔོན་ལོ་མེད་པའི་ལས་རིམ་གསར་པ་ཞིག་འགྲེམ་བསྟོན་ཞུས་པ་

ཟླ་འདིའི་ཚེས་༡༩ཉིན་རྒྱབ་ལ་སྔོན་ལོ་མེད་པའི་ལས་རིམ་གསར་པ་ཞིག་འགྲེམ་བསྟོན་ཞུས་པ་ལ་ནི་ འདི་ལོའི་ལོ་སྟོད་ནས་ཆོས་དགེ་ལགས་ནས་སྦྱོང་བརྡར་གྱི་ལམ་སྟོན་གནང་པ་བཞིན་འཛིན་རིམ་གསུམ་པ་ནས་དྲུག་པ་བར་གྱི་སློབ་ཕྲུག་ཁྱོན་༢༤༠ཙམ་གྱིས་མཚན་ཉིད་རྩོད་རྒྱུགས་ཐེངས་དང་པོའི་ཐོག་འཛུལ་བཞུགས་གནང་ཐུབ་པ་བྱུང་ཡོད།། སྤྱིར་འཛིན་རིམ་གསུམ་པའི་སློབ་ཕྲུག་ལྟ་བུར་ཆ་བཞག་ན་ལོ་ན་ཤིན་ཏུ་ཕྲ་ཡང་མཚན་ཉིད་ཀྱི་རྩོད་རྒྱུགས་ཐོག་གདེང་སྤོབས་ཆེན་པོས་བཞུགས་པ་ཙམ་མ་ཟད་རྩོད་རྒྱུགས་གང་ལེགས་གནང་བའི་བསྟོད་ཚིག་གི་འཆར་འབབ།།


ཕྱི་ཟླ་༦པའི་ཚེས་༡༧ཉིན་བོད་ཁྱིམ་གཞི་རིམ་འོག་མའི་དགེ་རྒན་ཆེད་ལས་

 ཕྱི་ཟླ་༦པའི་ཚེས་༡༧ཉིན་བོད་ཁྱིམ་གཞི་རིམ་འོག་མའི་དགེ་རྒན་ཆེད་ལས་སློབ་སྟོན་པ་སྐལ་བཟང་དབང་འདུས་ལགས་དང་བོད་ཡིག་སྣེ་འཁྲིད་པ་མིག་ཆུང་ལགས་གཉིས་ནས་བོད་ཁྱིམ་སློབ་གྲྭ་ཁག་ནང་ཤེས་རིག་གི་གོ་སྒྲིག་འོག་ཆེད་ལས་ལ་དམིགས་ནས་བོད་ཡིག་སྦྱོང་བཞིན་པའི་རྒན་ལགས་ཚོར་སློབ་འཁྲིད་གནང་མཁན་གྱི་རྒན་ལགས་ལྷན་དུ་བསླབ་གཞི་དང་ཡིག་རྒྱུགས་གཏོང་ཕྱོགས་ཐད་གྲོས་བསྡུར་གནང་ཡོད།།