Thursday, 30 April 2015

སློབ་ཆུང་སྡེ་ཚན་གྱི་དབྱིན་དགེ་ཕུད་པའི་སློབ་དགེ་བྱིངས་རྣམས་ལ་སྐད་ཡིག་གཙོ་བཟུང་གི་བསླབ་གཞི་དང་སློབ་ཁྲིད་ཀྱི་སྐོར་དང་འབྲེལ་ནས་གཞི་རིམ་འོག་མ་ནས་སྐད་ཡིག་ཐོག་ཤུགས་སྣོན་ཇི་ལྟར་རྒྱག་དགོས་སྐོར་

ཕྱི་ཟླ་བཞི་པའི་ཚེས་བརྒྱད་ཉིན་རྒྱབ་ཚོགས་ཐེངས་ལྔ་པ་དང་དྲུག་པའི་རིང་ལ་སློབ་སྟོན་པ་སྐལ་བཟང་དབང་འདུས་ལགས་ཀྱིས་སློབ་ཆུང་སྡེ་ཚན་གྱི་དབྱིན་དགེ་ཕུད་པའི་སློབ་དགེ་བྱིངས་རྣམས་ལ་སྐད་ཡིག་གཙོ་བཟུང་གི་བསླབ་གཞི་དང་སློབ་ཁྲིད་ཀྱི་སྐོར་དང་འབྲེལ་ནས་གཞི་རིམ་འོག་མ་ནས་སྐད་ཡིག་ཐོག་ཤུགས་སྣོན་ཇི་ལྟར་རྒྱག་དགོས་སྐོར་དང་ཐབས་ལམ་ཇི་ཡོད་བཅས་གསལ་ཁ་ལམ་སྟོན་གནང་མ་ཟད་གཞི་རིམ་འོག་མའི་བོད་དགེ་རྣམ་པས་རང་ཉིད་ཀྱི་ཆེད་ལས་ཡར་རྒྱས་ཇི་ལྟར་གཏོང་དགོས་ཀྱི་ལམ་སྟོན་ཡང་གནང་ཡོད།


0 comments:

Post a Comment