Thursday, 30 April 2015

ཟླ་འདིའི་ཚེས་༦ཉིན

ཟླ་འདིའི་ཚེས་༦ཉིན་འདི་ལོའི་ལོ་གཅིག་ཧྲིལ་པོའི་ཤེས་ཡོན་གྱི་ལས་རིམ་སླད་གོ་པུར་སློབ་སྤྱི་དབུ་བཞུགས་ཐོག་སློབ་གྲྭ་ཆེ་འབྲིང་གཉིས་ཀྱི་སློབ་ཚན་སྣེ་འཁྲིད་པ་རྣམས་དང་གོ་བསྡུར་ལྷུག་པོ་གནང་ཡོད་པ་མ་ཟད་སྣེ་འཁྲིད་པའི་ལས་འགན་གཙོ་གྲས་ཁག་གང་ཡིན་པ་དང་མཉམ་དུ་ལས་རིམ་གང་ཞིག་ལག་ལྟར་གནང་འཁེལ་ཡོད་རིགས་ཡིག་ཐོག་ཏུ་བཀོད་ནས་ཉར་ཚགས་གནང་དགོས་སྐོར་དང་སྡེ་ཚན་སོ་སོའི་ཟླ་རེའི་ཚོགས་འདུའི་གྲོས་བརྗོད་རྣམས་ངེས་པར་གསོག་འཇོག་གནང་དགོས་སྐོར། མཐའ་དོན་སྣེ་འཁྲིད་པ་རྣམ་པས་སློབ་སྤྱི་མཉམ་དུ་དོགས་དྲིས་གནང་རྒྱུའི་གོ་སྐབས་ཡང་བྱུང་ཡོད།

0 comments:

Post a Comment