Thursday, 24 July 2014

༢༠༡༤ ལོའི་གོ་པུར་སློབ་ཆུང་གི་བོད་ལྗོངས་ང་ཚོའི་ཕ་ཡུལ་གྱི་ལས་འཆར།



འཛིན་གྲྭ་     དང་པོ་ནས་དྲུག་པ་བར་དང་གོ་སྐབས་བཅས་ཁག་བདུན་ཡོད།
སློབ་མ་བསྡོམས་གྲངས།    ༣༥༥
ལས་འཆར་བརྗོད་གཞི།     འདི་ལོའི་ལས་འཆར་གྱི་བརྗོད་གཞི་ནི། འདི་ལོའི་ལས་འཆར་སྤེལ་ཕྱོགས་ནི་སྔར་ལོའི་ལས་འཆར་གྱི་བསྒྲུབས་འབྲས་ལ་གཞིགས་ཏེ་སྔར་དང་གཅིག་མཚུངས་སྤེལ་ན་དགེ་མཚན་ཡོད་སྐོར་གྱི་དགོངས་འཆར་བྱུང་ཡོད། དེར་བརྟེན་འཛིན་རིམ་བཞི་པ་ནས་དྲུག་པ་བར། ཕ་མེས་ཡབ་མེས་ནས་བརྒྱུད་བའི་བོད་མི་རིགས་ཀྱི་སྲོལ་བཟང་རྐང་བྲོ་གླུ་གར་གྱི་འཁྲབ་སྲོལ་རྒྱ་མཚོ་ལྟར་གཏིང་ཟབ་ལ་མཐའ་ཡས་པ་ཞིག་ཡོད་ཁོངས་ནས་འཁྲབ་གཞས་ཆེད་འདེམས་བྱས་ཡོད།
    དེ་བཞིན་འཛིན་རིམ་དང་པོ་ནས་གསུམ་བར་དང་། གོ་སྐབས་བཅས་ལ་བོད་ཡིག་གི་ཡིག་གཟུགས་འབྱོང་པོ་ཡོང་
ཐབས་ལ་དམིགས་བསལ་ཆེད་འདེམས་ཞུས་ཡོད།
དགོས་དམིགས།  རང་རེའི་སློབ་མ་རྣམས་ལ་རང་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་འཁྲབ་གཞས་ཀྱི་འཁྲབ་འཁྱེར་འཁྲབ་ལུགས་དང།  རང་སྐད་ཡིག་གི་ཡིག་གཟུགས་བྲིས་རིམ་དང་ཐིག་བར་གྱི་ཆ་ཚད་སོགས་ཀྱི་ཁྱད་ཡོན་ལ་ངེས་པ་གསར་པ་ཞིག་བརྙེད་ཐུབ་པ་བཟོ་རྒྱུ་དེ་ཡིན།
ལས་འཆར་གྱི་རྒྱུད་རིམ།   དེ་ཡང་རང་ཅག་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་འཕགས་ཀྱི་རིག་གཞུང་རྣམས་མ་ཉམས་རྒྱུན་འཛིན་དང་། ཉམས་པ་སླར་གསོའི་ཆེད། ལོ་རེ་བཞིན་བོད་ལྗོང་ང་ཚོའི་ཕ་ཡུལ་ཅེས། དམིགས་བསལ་ལས་འཆར་སྤེལ་པ་བཞིན། འདི་ལོར་ཕྱི་ཟླ་༤ པའི་ ཚེས་༡ ནས་མགོ་བཙུགས་ཏེ་འཛིན་དགེ་དང་བོད་དགེས་འགན་འཁུར་གཙོ་བཞེས་ཀྱིས་ཚོགས་ཐེངས་༧ ནམ་ཡིན་གྱི་ཕྱག་ཚོད་ཕྱེད་ཀའི་རིང་སློབ་མ་ཚོའི་ལས་འཆར་ཐོག་རོགས་སྐྱོར་ལམ་སྟོན་ཧུར་སྐྱེད་གནང་བ་བརྒྱུད། སློབ་མ་གསུམ་བརྒྱ་ལྷག་ཚང་མ། ལས་འཆར་དེའི་ཁོངས་སུ་འཛུལ་བཞུགས་ཐུབ་པ་དང།  སློབ་མ་རང་རང་གི་རིག་རྩལ་ཡོད་རྒུ་བེད་སྤྱོད་གཏོང་ཡུལ་ཞིག་ཏུ་གྱུར་ཐུབ་པ་བྱུང་ཡོད།
མཐའ་འབྲས།་   དུས་ཡུན་ཟླ་བ་གཅིག་རིང་དགེ་སློབ་ཟུང་འབྲེལ་གྱིས་སྦྱངས་པ་བྱས་ཏེ། ཕྱི་ཟླ་༥ ཚེས་༢ དང་༣ ཕྱི་དྲོ་ཕྱག་ཚོད་༧ ཐོག་ཤེས་རབ་འོད་སྣང་ཚོམས་ཆེན་ནང་སློབ་གྲྭ་ཆེ་ཆུང་གི་སློབ་མ་ཡོངས་དང། དགེ་ལས་ཡོངས་བཅས་ལ་ཚན་པ་སོ་སོ་བྱས་ཏེ་འཁྲབ་གཞས་ཁག་འཁྲབ་སྟོན་གཟིགས་འབུལ་བསྔགས་འོས་འཐུས་ཚང་ཞུ་ཐུབ་པ་བྱུང་ཡོད། 

0 comments:

Post a Comment